དྲན་གདུང་།
ཡུང་ཀང་ཀྲུང་།
བྱིས་དུས།
དྲན་གདུང་ནི་སྦྲག་རྟགས་ཆུང་ངུ་ཞིག་སྟེ།
ང་ཚུར་ཕྱོགས་ན་ཡོད། ཨ་མ་ཕར་ཕྱོགས་ན་གནས།
གཞོན་དུས།
དྲན་གདུང་ནི་གུ་དོགས་པའི་གྲུ་འཛིན་ཞིག་སྟེ།
ང་ཚུར་ཕྱོགས་ན་ཡོད། ཆུང་མ་ཕར་ཕྱོགས་ན་གནས།
ཕྱིས་སུ།
དྲན་གདུང་ནི་བང་སོ་ཆུང་ངུ་ཞིག་སྟེ།
ང་ཚུར་རོལ་ན་ལུས། ཨ་མ་ཕ་རོལ་དུ་ཕྱིན།
དེང་སང་ལ།
དྲན་གདུང་ནི་གཏིང་ཐུང་ཐུང་གི་མཚོ་འགག་ཅིག་སྟེ།
ང་ཡུལ་གཞན་ཏུ་གྱར། ཕ་ཡུལ་ཐག་རིང་དུ་གནས།
来源:微甘孜
责编:马强 编辑:宋佳玲